Xưng Tán Đức Văn Thù

༄༅། དཔལ་ཡེ་ཤེས་ཡོན་དན་བཟང་པོ་ཞེས་བྱ་བའི་བསྟོད་པ་།

བླ་མ་དང་གཉིས་སུ་མེད་པའི་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་པྲལ་ཉི་ལྟར་རྣམ་དག་རབ་གསལ་བས།།
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན་།།

གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི།།
འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།།

༄༅། འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོགས་འགྲོལ་མཛད་ཅིང་།།
མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།།

གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལྷུན་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།།
བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད།།

ཨོཾ་ཨཱ་ར་པ་ཙ་ན་དྷཱིཿ

བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས།
བདག་བློའི་གཏི་མུག་མུན་པ་རབ་གསལ་ནས།།

བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།
བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།།


<< Đọc Tiếp Bản Tạng Âm >>


image_pdfimage_print